美文网首页
2018-08-01

2018-08-01

作者: garTsegyal | 来源:发表于2018-08-01 17:22 被阅读0次

    ལྷོ་ཕྱོགས་མ་ལ་ཡ།} རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་སྣེར་ཡོད་པའི་རི་ཞིག་གི་མིང་།  མ་ལ་ཡ་ཞེས་པ་ལེགས་སྦྱར་གྱི་སྐད། བོད་སྐད་དུ། དྲི་ལྡན་ཟེར། མིང་གི་རྣམ་གྲངས་ལ་ཙན་དན་རི་བོ། ལྷོ་ཕྱོགས་ས་འཛིན། ཨཱ་ཥཱ་ངྷ་བཅས་ཟེར།
      རི་བོ་དེ་སྔོན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་ནུབ་ཕྱོགས་སུ་ཡོད་ཅིང་། དེའི་སྟེང་དུ་བྲག་ཞུན་དང་། ཅོང་ཞི། ཙན་དན་སོགས་སྨན་གྱི་རིགས་སྐྱེ་བ་མ་ཟད།  སྨན་ཆུ་དང་ཆུ་ཚན་བཅས་ཀྱང་ཡོད་པར་བཤད།
    དེ་ལ་བོད་ཀྱི་གསོ་རིག་གི་གཞུང་ལས་གླེང་གཞིའི་ལེའུར། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་སྐོར་བཤད་པའི་སྐབས་སུ། གྲོང་ཁྱེར་དེའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་སམ་ངོས་བཞི་རུ་སྨན་གྱི་བཀོད་པ་བསྟན་པས། ནུབ་ཕྱོགས་ཏེ་ནུབ་ཀྱི་ངོས་ལ་རི་བོ་མ་ལ་ཡ་ཟེར་བ་དང་། གནས་དེར་བཟང་དྲུག་དང་ཅོང་ཞི་རིགས་ལྔ། བྲག་ཞུན་རིགས་ལྔ། སྨན་ཆུ་རིགས་ལྔ། ཆུ་ཚན་རིགས་ལྔ་དང་ལྡན་པར་གསུངས་ཡོད། 
    <<ཐང་ཟན་ཙང་གི་ལམ་ཡིག>>ལས། རྒྱ་གར་གྱི་ས་དབྱིབས་ཟླ་གམ་གཟུགས་སུ་ཡོད་པའི་རྩེ་མོ་རྣོ་ཤོས་ན་མ་རུ་ཀུ་ཐ་(མ་རུ་ཀུ་ཋ)སྟེ་ཡོངས་གྲགས་སུ་ར་མེ་ཤྭ་རི་ཟེར་བ་དེར། ཙན་དན་དང་། ག་བུར་གྱི་རིགས་ཧ་ཅང་མང་པོ་སྐྱེས་པའི་རི་ཞིག་ཡོད་པ་དེའི་མིང་ལ་མ་ལ་ཡ་ཞེས་འབོད་པ་དང་། རི་དེའི་རྩེ་མོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལེགས་པོ་ཞིག་ཡོད། རི་དེའི་ལོགས་ཤིག་ནས་བརྡོལ་བའི་ཆུ་མིག་གིས་རི་དེ་ལ་ལན་ཉི་ཤུས་བསྐོར་ནས་འབབ་པའི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོར་ཐུག་པ་ཞིག་ཡོད་པ་དངོས་སུ་གཟིགས་ཚུལ་གསུངས།

相关文章

网友评论

      本文标题:2018-08-01

      本文链接:https://www.haomeiwen.com/subject/dbmrvftx.html