美文网首页ནུབ་ཕྱོགས་འཛམ་གླེང་།
2032འཛམ་གླེང་དུས་མཐའ།

2032འཛམ་གླེང་དུས་མཐའ།

作者: 勇忠多吉 | 来源:发表于2017-06-14 13:36 被阅读0次
༢༠༡༢འཛམ་གླེང་དུས་མཐའ།

ལོ་ལྔའི་གོང་"2012འཛམ་གླེང་དུས་མཐའི་ཉིན་མོ།"ཡིན་པའི་འུར་སྐད་ཟིང་ཟིང་དུ་སྒྲོག་ནས་མི་སེམས་ཕུ་དཀྲུག་མདའ་དཀྲུག་དུ་བཏང་མྱོང་།འོན་ཀྱང་མཐའ་མར་དུས་ཚོད་ཀྱི་བདེན་དཔང་ལས་དོན་དེ་ནི་རང་གི་རང་ལ་འཇིགས་སྣང་སྐུལ་བའི་དགོད་བྲོའི་དཀྲོག་གཏམ་ཞིག་ཏུ་འགྱུར་བ་རེད།།

ཡང་དེ་རི་ཁོ་བོས་གློ་བུར་དུ་"2032འཛམ་གླེང་དུས་མཐའི་ཉིན་མོ་"ཡིན་ཟེར་བའི་རྩོམ་ཐུང་ཞིག་བྲིས་ན།ཁྱེད་ཀྱི་ང་བྱིས་པ་ལོ་བརྒྱད་མིན་པས་སྨྱོ་གཏམ་དང་ལབ་འཆོལ་འོག་མགོ་སྐོར་མ་ཚུད་ཟེར་ཞིང་།གཏན་ནས་ཡིད་ཆེས་ངེས་མ་རེད།ཡིན་ནའང་འདི་དང་འདི་འདྲ་བའི་མ་འོང་པའི་ཉིན་ག་གེ་མོ་འཛམ་གླེང་དུས་མཐའི་ཉིན་མོ་ཡིན་པའི་མངོན་དཔག་ལུང་བསྟན་གྱི་གོ་བརྡའི་དཔྱད་རྩོམ་རྒྱུན་མ་ཆད་པར་དྲ་ཐོག་སྟེང་སྤེལ་དང་སྤེལ་བཞིན་ཡོད་པ་ཡིན།།

ཧའོ་ཁིན།  HawKing

དེ་ཡང་ལྟ་བ་འདིའི་འཁྱབ་ཁུངས་ཐོག་མ་ནི་དབྱིན་ཇིའི་སྐྱེ་དངོས་རིག་པ་མཁས་ཅན་ཧའོ་ཁིན་(HawKing)བསྐལ་པ་འཇིག་ཚུལ་སྨྲ་བའི་གནས་ལུགས་ཕྱོགས་སུ་ལངས་ཏེ།ཐེངས་གཅིག་གཉིས་མིན་པར་མི་རྣམས་ལ་2032འཛམ་གླེང་དུས་མཐའི་ཉིན་མོ་ཡིན་པའི་མངོན་བརྡ་བཏང་བ་ལས་བྱུང་།ཧའོ་ཁིན་གྱིས་དེ་ལྟར་གསུངས་པ་ལ་ཡང་རྒྱུ་མཚན་དང་གཞི་ཁུངས་མེད་པ་མིན་པར།མཚན་རིག་པ་མང་དག་གཅིག་གིས་ཀྱང་དེ་འདྲ་བའི་འཇིག་རྟེན་བསྐལ་རྫོགས་ཀྱི་མངོན་དཔག་ལྟ་བ་གླེང་བ་ཡིན།།

དེ་ལས་ཀྱང་ཁུངས་བཙུན་པར་བརྗོད་ན་ཡུག་རེན་(Ukraine)གྱི་གནམ་རིག་མཁས་ཅན་ཞིག་གིས།ལོ་གོང་མའི་ཟླ་བ་9པའི་ཚེས་16ཉིན་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆུང་ཆུང་ཞིག་སའི་གོ་ལ་དང་དཔུང་བརྡར་དུ་སོང་བར་བཤད་ཞིང་།སྐབས་དེ་དུས་གོ་ལ་གཉིས་དབར་བར་ཐག་སྤྱི་ལེ་ཁྲི་670ལས་མེད་པ་དང་དབྱེ་ཞིབ་བྱས་པ་ལྟར་ན།ཉེན་ཁ་ཆེ་བའི་རྒྱུ་སྐར་ཆུ་ཆུང་དེ་བསྐྱར་ལོག་འོང་ནས།གཏག་གཏག་2032ལོའི་ཟླ་བ་8པའི་ཚེས་26ཉིན་རྒྱུ་སྐར་ཆུང་ཆུང་དེ་དང་ས་གོ་ལའི་བར་རྫ་དྲག་གི་བརྡེབ་རྡུངས་ཞིག་ཡོང་བར་བཤད་པས།བརྡེབ་རྡུངས་དེས་སའི་གོ་ལའི་ཐོར་གཞིག་དུ་འགྲོ་བ་དང་འཛམ་གླེང་ནུབ་སོང་བར་བཤད་པ་ཡིན།།

གཅིག་བྱས་ན་ཧའོ་ཁིན་དང་མཚན་རིག་པ་དེ་ཚོས་བཤད་པའི་མངོན་དཔག་ལྟ་བ་འདི་ཡང་དཀྲོག་གཏམ་ཞིག་ཡིན་སྲིད་ལ།ཡང་གོ་བརྡ་ཞིག་ཀྱང་ཡིན་ངེས།འོན་ཀྱང་ང་ཚོ་མའི་རིགས་ཀྱིས་གོ་ལ་འདིར་སྦགས་བཙོག་ག་ཚོད་དང་གྲེག་བཅོད་ག་ཚོད་བཏང་ཡོད།ད་དུང་མུ་ཐུད་ནས་འདི་ལྟར་ཡིན་ན་མི་རིང་བའི་ལོ་བརྒྱའི་ནང་སའི་གོ་ལ་འཇིག་ཉེན་ཆེ་བའི་མངོན་དཔག་ངས་ཀྱང་བཤད་པར་སྤོབས་པ་ཡིན།།

འཇུག་ཏུ་གསལ་བརྗོད་——ངས་རྩོམ་ཐུང་འདི་བྲིས་རྗེས།མི་སེམས་ལ་འཇིགས་སྣང་སྐུལ་བ་མིན་པར།ང་ཚོས་མ་ཡུམ་གོ་ལ་ལ་བདག་སྐྱོང་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་རེ་སྐུལ་བྱེད་པ་ཡིན་ནོ།།

相关文章

  • 2032འཛམ་གླེང་དུས་མཐའ།

    ལོ་ལྔའི་གོང་"2012འཛམ་གླེང་དུས་མཐའི་ཉིན་མོ།"ཡིན་པའི་འུར་སྐ...

  • By2032

  • 27班6组10月21日作业雨统计

    一、刘思宁|2032 文章名字 尊重差距,告别嘲笑 点评内容 1、 @刘思宁 | 007-2032 | 践行 你说...

  • 氯雷他定

    (一) 总机YCQ053:机2032 关闭外界命令模块 机2032:需要总机许可 总机YCQ053:许可 机203...

  • Day 2032:学习

    #学习 首先是资源视角下的运营资源。方案上线后,会有足够的运营资源来帮助项目冷启动吗?如果不存在这些运营资源,那么...

  • 27班6组10月14日作业雨统计

    一、刘思宁|2032 文章名字 3个故事看懂500年世界观变迁 点评内容 1、 @刘思宁 | 007-2032 |...

  • Produced by Owenbls123 - The Sev

    September 1, 2032, Beijing time 6:30 University did ma...

  • 空心集

    离开的第2032天 病快好了 勿念 —《相思之疾》

  • 未来的2032年

    时光列车到达2032站,今年的我25岁了,随着科技的发展,如今的世界也变了个样,人们不再用汽车,抬头一看,满天的...

  • 2032年的晚餐

    文/麟 放暑假了,今年学校没有组织我们大一的学生出国游学,那我就先回家看看。 虽然我已经19岁了,但,小时候爱吃的...

网友评论

    本文标题:2032འཛམ་གླེང་དུས་མཐའ།

    本文链接:https://www.haomeiwen.com/subject/iebsqxtx.html